[A:༡༦༧ན]འཕྲུལ་མཆོག་བསྟན་པ། མཁྱེན་པ་རྣམ་པར་དག་པ། སྤང་བྱའི་དྲི་མ་དང་བྲལ་བ། དོན་གཉིས་ཀྱི་མཛད་པ་ཕུན་ཚོགས་སོ། །དང་པོ་ནི། དུས་གཅིག་གསུང་ངག་སྟོན་ཚེ་ནམ་མཁའ་ལ། །མཆོད་སོགས་དབུས་ན་འཇམ་དཔལ་བིརྺ་པ། །སྤྱན་རས་གཟིགས་དབང་མཐོང་སྣང་གསུམ་བསྟན་ནས། །བཅུ་དགུ་དག་པའི་སྣང་བར་བསྒྱུར་ལ་འདུད། །ཅེས་པ་སྟེ། དགུང་ལོ་ཉི་ཤུ་རྩ་བརྒྱད་བཞེས་པའི་ཚེ་གཟིམ་ཁང་རྙིང་མར་ལམ་འབྲས་གསུངས་པའི་ལྟ་བའི་སྐབས་སུ། ཚེས་གཅིག་གི་ཉིན་བར། བླ་མ་ལ་སློབ་མ་རྣམས་ཀྱིས་མཐོང་སྣང་མི་འདྲ་བ་གསུམ་བྱུང་སྟེ། ནམ་མཁར་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པའི་དབུས་ན། རྗེ་བཙུན་རིན་པོ་ཆེ་ལ་འཇམ་དཔལ། ཇོ་སྲས་ལྕགས་ཀྱི་རྡོ་རྗེ་ལ་བིརྺ་པ། གཉན་དང་། རྨོག་སྟོན་གཙུག་ཏོར་དབོན་པོ་སོགས་ཆོས་ཉན་པ་ཕལ་ཆེ་བ་ལ་སྤྱན་རས་གཟིགས་སུ་སྣང་བས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་སོ། །གཉིས་