[A:༡༨༠ན]བྱོན་ནས། ན་བཟའ་བེར་ཞིག་གསོལ་བའི་ཕུ་དུང་ནར་ཏེ་བརྐྱངས་ནས། ཤཱཀྱ་བཟང་པོ་འདི་ལ་འཇུས་ལ་ཤོག་གསུངས་ནས་ནམ་མཁའ་ལ་དྲངས་སོང་བ་གཟིགས་པས། འབྲི་ཁུང་པའི་གསུང་ལས། དཔོན་ཆེན་ཁོང་བླ་དཔོན་བཟང་པོ་དེས་དྲངས་ཏེ་སོང་ཞེས་གསུངས་པར་གྲགས་ཤིང་། འཕྲིན་ལས་ནི། གཙོ་བོར་ཇི་སྐད་བཤད་པ་དེ་དག་དང་། རྗེ་བཙུན་ཆེན་པོའི་ནང་རྟེན་དུ་འཇམ་དབྱངས་གཟི་འོད་འབར་བ་བཞེངས་པ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དང་། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་གསར་དུ་འཛུགས་པ་དང་། རྙིང་པ་གསོ་བ་དང་། ཆོས་སྡེ་མང་པོའི་ཞལ་བདག་མཛད་དེ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དང་། བྱང་ཕྱོགས་ལིང་ཆུ་རྩེར་ཁབ། བར་པ་བསམ་ཡས། ཉང་སྟོད་རྐྱང་འདུར། ཤངས་སྲེག་ཤིང་། ཆུ་བ་ཁམས་གཙང་དབུས་གསུམ་ན་ཤིན་ཏུ་མང་བའི་བདག་གཉེར་མཛད་ནས་སྤྱིར་རིག་གནས་མཐའ་དག་དང་། ཁྱད་པར་རྣམ་འགྲེལ། འདུལ་མངོན། ཕར་ཕྱིན།