[A:༡༨༠བ]དབུ་མ་སོགས་དང་། བདེ་ཀྱཻ་གསང་གསུམ་ཡོ་ག་བྱ་སྤྱོད་སོགས་མདོ་སྔགས་ཟུང་འབྲེལ་གྱི་བཤད་སྲོལ་དིང་སང་གི་བར་དུ་ཡོད་པ་ནི་བདག་ཉིད་ཆེན་པོ་འདི་ཁོ་ནའི་འཕྲིན་ལས་ཀྱི་རྒྱུན་ནོ། །ཁྱད་པར་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་གྲྭ་པ་བྱང་ངམ་རིང་། དབུས་རྩེ་ཐང་། ན་ལེནྡྲ། སྐྱིད་ཚལ་གོང་འོག གསེར་མདོག་ཅན། ཐུབ་བསྟན་གོང་འོག་གཉིས། མཉན་ཡོད་བྱ་གཤོང་སོགས་དང་། དེ་དག་ལས་མཆེད་པའི་དཔལ་ལྡན་ས་སྐྱའི་ཐུབ་བསྟན་ལྷ་ཆེན་སོགས་ཆོས་གྲྭ་མང་པོ་ཤིན་ཏུ་དར་རྒྱས་སུ་གྱུར། ཧོར་ཡུལ་ལ་འབྱོན་པའི་ཚེ་ས་སྐྱར་མཚན་ཉིད་ཀྱི་ཚོགས་དཔོན་འུ་ཡུག་པ་རིག་སེང་། སྔགས་ཀྱི་ཚོགས་དཔོན་ཞང་བཙུན་མདོ་སྡེ་དཔལ། སྤྱི་མཆོད་ཉེ་གནས་སུ་དགེ་བཤེས་ཤཱཀྱ་བཟང་པོ་བསྐོས་ནས་བྱོན་རྗེས། རིགས་ཆེན་པ་རང་ལ་ཆ་བརྒྱད་ཅུ་བྱུང་བར་གྲགས་པ་ལྟ་བུ་བསྟན་པའི་རྒྱུན་ལ་ཕན་པའི་འཕྲིན་ལས་ནི་བླ་མ་འདི་ཁོ་ན་ཆེའོ། །རྩོད་དུས་ཀྱི་གདུལ་བྱ་ཉམས་དམའ་བའི་