[A:༡༨ན]རྒྱ་མཚོ་ཆེན་པོ་ནས་སྐྱེས་ཏེ་ལྷ་མིན་གྱི་ཡུལ་ནས་སོང་བ། རྩེ་མོ་འདོད་ཁམས་ཀྱི་ལྷ་ཡུལ་དུ་སླེབས་པ་ལ་བྱ་ཁྱུང་གིས་ཚང་བཅས་པ། ལོ་མ་ལ་འདོད་ཡོན་ལྔ་རང་བྱུང་དུ་འབྱུང་བ། འབྲས་བུ་ལ་རིན་ཆེན་སྣ་བདུན་ལོ་ཏོག་ལྟར་སྨིན་པ། ཡལ་ག་གཡུར་ཟ་བའི་བར་ནས་ལྷ་དང་། ལྷ་མོ་དང་། གཟའ་དང་། རྒྱུ་སྐར་དང་། ཉི་ཟླའི་ཚོགས་ཀྱིས་བརྒྱན་པ། རྩ་བའི་ངོས་ན་ཁྲུས་ཀྱི་རྫིང་བུ་བདུན་ཡོད། དེ་རེ་རེ་ལ་ཤིང་རྟ་རེ་རེ། ཤིང་རྟ་རེ་རེ་ལ་བུ་མོ་བདུན་བདུན། དེ་རེ་རེ་ལ་གཡོག་མོ་བདུན་རེ། དེ་རེ་རེ་ལ་རྨ་བྱ་བདུན་རེ་ཡོད་པ། ཤིང་དེའི་ཕྱོགས་མཚམས་ཐམས་ཅད་ན་སྨན་རྣམ་པ་སྣ་ཚོགས་དང་། ལོ་ཏོག་གི་རིགས་སྣ་ཚོགས་རང་བྱུང་དུ་སྐྱེ་བ། ཙནྡན་གོར་ཤི་ཤ་དང་། སྦྲུལ་གྱི་སྙིང་པོ་དང་། ག་པུར་ལ་སོགས་པས་བརྒྱན་པའི་རྫིང་བུ་ལྔ་བརྒྱས་བསྐོར་བ། དེ་ལྟ་བུའི་ཤིང་དེ་ནི་ལྷ་དང་ལྷ་མ་ཡིན་ཐུན་མོང་གི་བསོད་ནམས་ལས་སྐྱེས་སོ། །དེ་དུས་