[A:༡༨བ]ན་ཤིང་དེའི་རྩེ་མོ་འདོད་ཁམས་ཀྱི་ལྷ་ཡུལ་ན་ཡོད་པས། ལོ་མ་དང་འབྲས་བུ་ལྷ་རྣམས་ཀྱིས་བདག་གིར་བྱས་ཤིང་ལོངས་སྤྱད་པས། རི་རབ་སྐེད་པ་འོད་མའི་སྣང་བ་ཞེས་བྱ་བའི་གནས་ན། ལྷ་མ་ཡིན་གྱི་རྒྱལ་པོ་གསུམ་བརྩེགས་དང་། ཐག་བཟང་རིས་དང་། དྷེ་ར་ན་ཀེ་ཤུ་དང་། རྣམ་པར་སྣང་བྱེད་དང་། རབ་སིལ་དང་། སྒྲ་གཅན་འཛིན་ལ་སོགས་པ་བྱེ་བ་དུང་ཕྱུར་ཙམ་ཤིན་ཏུ་མི་སྡུག་པའི་ཆ་བྱད་དུ་བྱས་ནས་རབ་ཏུ་རྔམ་པའི་ང་རོ་དང་། འཇིགས་ཤིང་དྲེགས་པའི་མཚོན་ཆ་སྣ་ཚོགས་ཐོགས་ནས་རི་རབ་ཀྱི་སྟེང་ཆོས་བཟང་ཞེས་བྱ་བའི་གནས་སུ་ལྷགས་ནས། རི་རབ་ཀྱི་སྟེང་ན་ལྷ་བ་སུ་དེ་བ་དང་། མཧཱ་དེ་བ་དང་། བརྒྱ་བྱིན་ཉིད་ལ་སོགས་པ་ལྷའི་ཚོགས་རྣམས་ལ། ལྷ་མ་ཡིན་རྣམས་ཀྱིས་སྨྲས་པ། རི་རབ་རྩེར་གནས་སུམ་ཅུ་རྩ་གསུམ་ལྷ། །ཤིང་འདི་ལྷ་དང་ལྷ་མིན་ཐུན་མོང་ལ། །ད་ལྟ་ཁྱེད་ཅག་ལྷ་རྣམས་དབང་བྱེད་ན། །ད་ནི་ངེད་ཅག་ལྷ་མིན་