[A:༡༩༠ན]རྟགས་ལ་རྣ་བ་གཡས་པ་རྐྱང་བཅད་ནས་དྲེལ་ཁལ་མང་པོ་བཀལ། ག་དུ་རིན་ཆེན་དང་དགོན་པ་དཔོན་པོ་གཉིས་བཙོན་དུ་བཟུང་ཁྲིད་ཡོང་པས། ལམ་དུ་རྣ་བ་རྣམས་རུལ་བྱུང་པ་ཐང་གྲང་སར་ཉི་མ་ལ་བསྟན་ནས་བསང་པའི་ལྷས་ལ་དེང་སང་རྣ་བ་ལྷས་སུ་གྲགས། དེ་དུས་འཕགས་པ་རིན་པོ་ཆེ་ཕོ་བྲང་ན་བཞུགས་པའི་སྐབས་ཡིན་པས། གོང་མ་ཡོན་མཆོད་ལ་གནས་ཚུལ་འབུལ་བའི་གསེར་ཡིག་པ་མངགས་དུས། གོང་མའི་ལུང་གིས། ག་དུ་རིན་ཆེན་ལ་ཉེས་པ་མེད་པས་ཁོ་རང་ཐོངས། དགོན་པ་དཔོན་པོར་ཁྲིམས་ཆོད་ཅེས་ཕེབས་པ་ནས། དགོན་པ་དཔོན་པོ་ས་སྐྱའི་མདུན་ལ་མ་ཁྲིད། དཔོན་པོ་རི་རྒྱབ་བསྐོར་ཏེ། མགོ་ལ་སུ་ཁུག་བཀོན། མགོ་མདུན་རྒྱབ་བསྒྱུར་ནས་རྟ་ལ་བསྐྱོན་ཏེ་ཚོ་འདུས་ཁྲིམས་ཁང་དུ་ཁྲིད། སྐེ་བཅད། སྙིང་རྒྱབ་ནས་བཏོན། མགོ་སྙིང་གཅིག་ཐུག་གཟུང་ལ་བཙུགས། དཀོན་ཁང་གི་མགོན་ཁང་ཐོག་