[A:༡༩ན]བདུད་ལ་བླང་། །ཞེས་སྨྲས་པ་དང་། ལྷ་རྣམས་ཀྱིས་སྨྲས་པ། དཔག་བསམ་ཤིང་ལ་འདོད་ཡོན་བསམ་ཡས་ཀྱང་། །བསོད་ནམས་དབང་གིས་ལྷ་ལ་ཡོངས་སུ་གྲུབ། །གཞན་ལ་ཡོད་ན་མེད་ཅིང་སྐམ་པར་འགྱུར། །དེ་བས་ཁྱེད་ལ་ལྗོན་ཤིང་ངེད་མི་སྟེར། །ཞེས་སྨྲས་པ་ལ། ལྷ་མ་ཡིན་རྣམས་ཀྱིས་སྨྲས་པ། ཐུན་མོང་ལས་གྲུབ་བདེ་ལྡན་ལྗོན་པའི་ཤིང་། །ལྷ་ཡིས་དབང་བྱས་ངེད་ལ་མི་སྟེར་ན། །འཇིག་རྟེན་དྲེགས་པའི་མཚོན་ཆའི་ཆར་ཕབ་ནས། །ལྷ་དང་ལྷ་མིན་གཡུལ་ཆེན་འགྱེད་པར་བྱ། །ཞེས་སྨྲས་ཏེ་སླར་སོང་ནས་ལྷ་མ་ཡིན་གྱི་དམག་དྲངས་སོ། །དེ་ཡང་གླང་པོ་ཆེ་ས་བསྲུངས་ཀྱི་མགོ་སུམ་ཅུ་རྩ་གཉིས་ལ་གནོད་སྦྱིན་སུམ་ཅུ་རྩ་གཉིས་ཞོན། དབུས་ཀྱི་མགོ་བོ་ལ་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཞོན། གླང་པོ་ཆེའི་སྣ་ལ་རལ་གྲི་ཀཱ་མ་ལ་ནག་པོ་བཏགས་ནས་ལྷ་མ་ཡིན་གྱི་དམག་བྱེ་