[A:༡༩༩ན] །གཞན་ཡང་བརྒྱུད་པའི་ཁྱད་པར་ཅུང་ཟད་དང་། མན་ངག་ཐོར་བུ་བ་འདྲ་མི་འདྲ་དང་། ལག་ལེན་མི་འདྲ་བའི་ཁྱད་པར་མང་བ་ཞིག་འདུག་ཅིང་། དེ་ལྟར་མ་གཏོགས་པའི་དཔྱོད་ལྡན་འགས་བར་སྐབས་སུ་སྒྲོ་བཏགས་པ་དང་། བླུན་པོ་འགས་སྙིང་ཁམས་བསྐྱེད་དེ་བྱས་པའི་ཡི་གེ་དང་ལག་ལེན། ཆོས་སྐོར་འདི་ལ་སྦྱངས་པའི་མཁས་པ་གཟུ་བོར་གནས་པ་དག་གིས་མཐོང་ནས་སྙིང་རྗེའི་གནས་སུ་འགྱུར་བ་འགའ་ཡང་མཐོང་མོད། དྲང་པོར་སྨྲས་ན་མཚང་ལ་ཕོག་ཅིང་། བསྔགས་པ་བརྗོད་ན་བསྟན་པ་ལ་གནོད་པས་བཏང་སྙོམས་སུ་བཞག་གོ །དེ་རྣམས་ཀྱི་ནང་ནས་གོང་དུ་བཤད་པ་ལྟར་འཕགས་པ་རིན་པོ་ཆེས་མགོན་པོའི་སྙན་བརྒྱུད་ཀྱི་མན་ངག་ཐུན་མོང་མ་ཡིན་པ་རྣམས་གྷ་ཨ་གཉན་དམ་པ་ལ་ཆིག་བརྒྱུད་དུ་གནང་། དེས་ཀྱང་བླ་མའི་བཀའ་བཞིན་བདག་ཉིད་ཆེན་པོ་མ་གཏོགས་གཞན་ལ་ཐུན་མོང་མ་ཡིན་པ་མ་གསུངས། བདག་ཆེན་པས་མཁས་བཙུན་