[A:༡བ]དེ་ལྟ་བུའི་བླ་མ་བརྒྱུད་པ་དེ་རྣམས་ཆོས་སྐྱོང་ལ་མངའ་བརྙེས་པའི་ཚུལ་སོགས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བདག་ཉིད་ཆེན་པོ་མན་ཆད་ནི་གོང་དུ་བརྗོད་ཟིན་པ་དེ་ཡིན་ལ། ད་ནི་མཁས་བཙུན་ནམ་མཁའ་ལེགས་པ་སོགས་ནས། རང་གི་རྩ་བའི་བླ་མ་རྣམས་ཀྱི་བར་གྱི་སྐྱེས་ཆེན་དེ་དག་གི་བསྟན་སྲུང་དབང་པོ་རྣམས་བྲན་དུ་འཁོལ་ཞིང་ནུས་པ་ཐོན་པའི་ཚུལ་སོགས་ཀྱི་རྣམ་ཐར་ཅུང་ཟད་བརྗོད་ན། དེ་ཡང་རྗེ་མཁས་བཙུན་པ་ཉིད་ལ་བྱང་པ་བདག་པོ་རྟ་དབེན་པས།