[A:༢ན]ཞབས་འདྲེན་ཆེན་པོ་བྱས་དུས། དེ་ལ་དམིགས་ཏེ་ད་ལྟ་ས་སྐྱའི་བཞི་ཐོག་ན་བཞུགས་པའི་གུར་གྱི་མགོན་པོའི་འབུར་སྐུ་ལྕམ་དྲལ་ལས་མཁན་པུ་ཏྲར་བཅས་པ་དང་། མགོན་པོ་རྐྱང་བའི་འཆམ་སྐུ་རྣམས་ཆེད་གཏད་བཞེངས་ནས་འཕྲིན་འཆོལ་རབ་གནས་མཛད་པས། དེ་དང་དུས་མཚུངས་པར་བྱང་པ་ཏ་དབེན་པ་མངོན་སུམ་དུ་ཚར་བཅད་པས། སྐུ་དེ་ལ་ཡང་དིང་སང་གི་བར་དུ་བྱང་འདུལ་མགོན་པོར་གྲགས་པ་འདི་ཡིན་ཞིང་། ཆོས་རྗེ་བླ་མ་དམ་པ་ནི་ཆོས་རྗེ་ཁུ་དབོན་གྱི་རྗེས་སུ་ས་སྐྱ་པའི་གདུང་བརྒྱུད་གཅིག་ལ་