[A:༣ན]་བ་ཁོའི་དྲིན་ཡིན། བར་ཆད་ཕྲན་ཚེགས་ཙམ་སེལ་བ་ལའང་ཁོས་མ་སླེབས་པ་གཅིག་ཀྱང་མེད་པས་ཤིན་ཏུ་སྙིང་ཉེ། བྱིན་རླབས་དང་ནུས་པ་ཆེ་བས་སུས་བསྟེན་ཀྱང་དེ་བཞིན་ཡོང་བ་ཡིན་ཞེས་གསུངས་ཤིང་། གོང་མ་རྣམས་ཀྱི་སྐབས་སུ་མགོན་པོའི་གཏོར་མའི་མདུན་དུ་ལས་མཁན་ལ་གཏོར་མ་ཆུང་ངུ་མཛད་པ་ལ། དིང་སང་ཞལ་བཞི་པའི་བསྐང་གཏོར་གྱི་གཡས་སུ་པུ་ཏྲ་ལ་གཏོར་མ་ཆེ་བ་རེ་མཛད་པ་འདི་ཆོས་རྗེ་བླ་མ་མན་གྱི་ཕྱག་ལེན་ལ་བྱུང་བ་ཡིན་ནོ་ཞེས་ཀྱང་ཐོས་སོ། །བླ་ཆེན་ཀུན་རྒྱལ་བ་ནི་མཁྱེན་རབ་ཕུལ་དུ་བྱུང་བས་རང་གི་རྩ་བའི་བླ་མ་འགྲོ་མགོན་ཆོས་རྗེའི་བཀའ་འབུམ་རྣམས་བསྒྲིགས་པར་མཛད་ཅིང་། གསུང་འབུམ་དེ་ཉིད་ཀྱི་སྟེང་ནས་དབང་