[A:༢བ]མཁྱེན་རབ་དང་། གསན་རྒྱ་སྦྱངས་པ་སོགས་འགྲན་ཟླ་དང་བྲལ་བས། རིག་གནས་ཕྱི་ནང་མཐའ་དག་ལ་མ་གསན་པའམ། མི་མཁྱེན་པ་ཅུང་ཟད་ཀྱང་མེད་ཅིང་། དེ་ཡང་རེ་རེ་ལ་འདི་ཁོ་ན་ལ་མཁས་པར་འདུག་སྙམ་པ་ལྟ་བུའི་མཁྱེན་རབ་ཡོངས་སུ་རྫོགས། སྤྱིར་ཆོས་སྐྱོང་མཐའ་དག་ལ་མངའ་བརྙེས་ཤིང་། ལྷག་པར་པུ་ཏྲ་ཉིད་བྲན་དུ་འཁོལ་བ་ཡིན་ཏེ། ཉིད་ཀྱི་གསུང་ལས། པུ་ཏྲ་འདི་ལ་གཏོར་མ་སྟེར་རིན་ཆོག་པ་བྱུང་། ངེད་དཔོན་སློབ་རྣམས་དབུས་གཙང་ལ་རྒྱུ་འགྲུལ་གཅིག་པོ་བྱེད་པ་ལ་དགྲ་ཇག་དང་ཆུས་ཁྱེར་བ་སོགས་གཅིག་ཀྱང་མི་བྱུང