[A:༡༡བ] ཐོག་ཏུ་གདུགས་ཉི་འོག་ཏུ་སླེབས་པ་ཙམ་བྱས། ས་སྐྱ་ལ་སྐོར་བ་ཕྱིན་ཅི་ལོག་ཐེངས་རེ་བྱས་དུས་རྒྱག་འདྲེ་མི་བསད་སོགས་ཡོང་བ་ཞིག་འདུག་པ་ལ། རྗེ་འདི་ཉིད་ཀྱིས་ཐུགས་དམ་ལྟ་བའི་ངང་ནས་མི་དམིགས་མང་དུ་གནང་བས། ཞག་འགའ་ནས་གསུང་ཆོས་པ་རྣམས་ཕྱིར་འགྲོ་བ་དང་མཉམ་དུ་མི་སོག་པོའི་རྣམ་པ་ཅན་འཇིགས་སུ་རུང་བ་ལུས་པོ་ཀུན་ལ་མེས་ཚིག་པའི་རི་མོ་ཡོད་པ་ཞིག་རྗེའི་དྲུང་དུ་ཐོགས་མེད་དུ་བྱུང་ནས་ཞབས་དབང་ཞིག་གནང་དགོས་ཞུ་བ་ལ། ཁྱོད་སུ་ཡིན་གསུངས་པས། བདག་རྒྱ་འདྲེའི་དཔོན་འོག་མ་དྲག་ཤོས་ཡིན། ཁ་སང་ནས་ཁྱེད་ཀྱིས་དམིགས་པ་མཛད་པ་དེས་ངེད་ཐམས་ཅད་ཚིག ད་ལན་དཔོན་པོ་ན་དྲག་སྐུ་མདུན་ཡོང་མ་ཐུབ། ད་ངེད་རྣམས་འགྲོ་བས་ཐུགས་དམ་གློད་དགོས་ཟེར། འདི་ལ་ཞབས་དབང་མི་དགའ་འམ་དགོངས་ཙ་ན། ཁོས་ཞབས་འོག་ཏུ་མགོ་བཅུག་ནས་ཁྱེད་ཀྱི་སློབ་མ་བརྒྱུད་འཛིན་དང་བཅས་པ་ལ་མི་གནོད་པའི་དམ་བཅའ་འབུལ། ཁྱེད་ནམ་སངས་རྒྱས་པའི་དུས་ང་འཁོར་།