[A:༡༢ན] གྱི་ཐོག་མར་སྐྱེ་བར་ཤོག་ཟེར་ནས་འཇའ་ཡལ་བ་ལྟར་སོང་བ་དང་། ཡང་རྗེ་ཉིད་མཁས་གྲུབ་གུང་རུ་ཤེས་རབ་བཟང་པོ་ལ་སོགས་པ་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་བརླབས་པའི་གནས། རྒྱབ་རི་དཀར་པོ་ཞེས་བྱ་བའི་ངོས་དཔལ་ལྡན་རྩེར་སྐུ་མཚམས་ཟླ་བ་བདུན་ཙམ་མཛད། དེའི་ཚེ་རྒྱལ་གྱི་ཕུ་ན་ཡོད་པའི་རྣལ་འབྱོར་པ་བཟང་པོར་བྱས་པ་གཅིག་གི་ཉམས་སྣང་ལ། དཔལ་ལྡན་རྩེའི་གཟིམ་ཁང་གི་མཐར་དུ་བ་སྔོ་འཁྱིལ་ལེ་བས་བསྐོར་བའི་གསེབ་ན་ཨ་ཙ་ར་དུང་ལོང་ཅན་ཞིག་སྐོར་བ་བྱེད་པའི་མཐོང་སྣང་བྱུང་འདུག་ཅིང་། རྗེ་ཉིད་ཀྱི་ཞལ་ནས་ཀྱང་། གནས་འདི་ཕུན་སུམ་ཚོགས་པ་གཅིག་འདུག ཆོས་སྐྱོང་སྲུང་མ་རྣམས་སྐྱེད་ལྷས་སུ་འབྱོན་པ་བཞིན་འདིར་ཡང་ཕེབས་ཀྱིན་འདུག་གསུངས་པ་དེ། རིམ་བཞིན་བརྒྱུད་དེ་སྨོན་མཁར་བ་རྣམས་ཀྱིས་གསན་ཏེ། དེ་མཐུན་གསོལ་བ་བཏབ་པས་གནས་དེར་མགོན་ཁང་གི་བཀོད་པ་།