[A:༡༣ན] ས་སྐྱའི་བཙུན་ཆུང་ཚེ་ཟད་གཅིག་སླེབས་ཡོད་པ་འདུག་ཟེར་བ་སོགས་རློམ་སེམས་ཀྱི་ཚིག་ངན་སྣ་ཚོགས་འབྲུག་ལྟར་སྒྲོག་པའི་ཚེ། དེ་དག་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ནས། རྗེ་ཉིད་ཀྱི་གནས་དེར་ཆེད་དུ་གཏད་པའི་ཐུགས་དམ་མཛད་ཅིང་། དེ་མཐུན་རྗེ་བཙུན་རྡོ་རིང་པ་ཆེན་པོ་ལའང་བཀའ་ལུང་ཕེབས་ནས། ཏྲོ་སའི་ཕུག་ཆེན་དུ་མགོན་པོའི་གཏོར་ཆེན་མཛད་པའི་ཚེ། ནུབ་གཅིག་གི་མནལ་ལམ་ན། ཕུག་པའི་རྩ་བར་ངེད་འདི་ལྟ་བུའི་མི་དྲག་པ་རང་བཅུ་གཉིས་ཤི་ཟེར་བའི་ངུད་མོའི་སྒྲ་ཆེན་པོ་ལྷང་ལྷང་པ་བྱུང་། རྗེ་འདི་ཉིད་ཀྱི་ཐུགས་དམ་གྱི་ཉམས་ལ་མགོན་པོའི་ལས་མཁན་རྣམས་ཀྱིས་གསེར་གྱི་མཆོད་རྟེན་ཆེན་པོ་འོད་འབར་བ་ཞིག་བྱུང་ནས་དུམ་བུར་གཏུབ་ཀྱིན་འདུག་པས། ནང་ཐམས་ཅད་སོལ་བ་དང་ལྷྭམ་ཀྲད་ཀྱི་དུམ་བུས་བརྒྱངས་འདུག་པ་གཅིག་བྱུང་། དེའི་ཚེ་དགུན་ཤིན་ཏུ་གྲང་པའི་དུས་ཡིན་ཀྱང་ནམ་ཕྱེད་ཟིན་ལ་ཁད་པ་ཙམ་གྱི་ཚོད་ལ། དཔལ་ལྡན་།