R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢བ
[A:༡༢བ] དང་། དེའི་དབུས་སུ་མགོན་པོའི་སྐུ་རྗེ་ཉིད་ཀྱི་ཕྱག་ནས་བཞུགས་པ་གཏོར་ཚོགས་དང་བཅས་པ་ཞལ་བཀོད་གནང་། དེ་ལ་མཆོད་གཏོར་འབུལ་ཞིང་ཐུགས་དམ་བསྐུལ་བའི་སྔགས་འཆང་བཞི་སྡེ་ཙམ་གྱི་ཞབས་ཏོག་བདག་རྐྱེན་ཡང་སྨོན་མཁར་ནས་མཛད། དུས་དེར་རྗེ་ཉིད་ཀྱི་སྙན་གྲགས་ཀྱིས་ཁམས་གཙང་དབུས་གསུམ་གྱི་གྲྭ་པ་སྦྱིན་བདག་བསམ་གྱིས་མི་ཁྱབ་པ་ཕྱོགས་མཐའ་དག་ནས་དབྱར་གྱི་ཆར་སྤྲིན་ལྟར་འདུས་ཤིང་། གང་ལ་གང་འོས་ཀྱི་ཆོས་ཀྱི་འཁོར་ལོ་ནམ་མཁའི་མཐའ་ཀླས་པ་བསྐོར་བས། བསྟན་པ་སྤྱི་དང་། ཁྱད་པར་དཔལ་ལྡན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་ས་ཕྱོགས་དེར་ནམ་ལངས་ཤིང་ཉི་མ་ཤར་བ་ལྟར་ཆེས་ཆེར་གསལ་བར་མཛད་པ་ན། གཞན་དག་གི་ཁྲོད་ནས་ཤིན་ཏུ་མི་མཐུན་ཞིང་ཕྲག་དོག་གིས་མྱོས་པའི་རང་དབང་མི་ཐུབ་པ་ཞིག་
ཆོས་རྗེ་སྨོན་ལམ་པ་ཡིན།
གིས། ངན་གཡོའི་སྦྱོར་བ་མངོན་མཚན་ཅན་འགའ་བྱས་ཤིང་། དིང་སང་ན་ལེནྡྲ་ན་ཡང་།