[A:༡༧ན] མཛད་པ་འདི་བྱུང་བ་ཡིན་ནོ། །ཡང་ས་སྐྱ་པའི་བསྟན་འཛིན་ཀུན་གྱི་གཙུག་རྒྱན། རྒྱལ་བའི་ལུང་བསྟན་བརྙེས་པའི་སྐྱེས་ཆེན་དམ་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནི། ཡོངས་གྲགས་ཀྱི་ཡབ་ས་སྐྱ་བའི་གསོལ་ཇ་བའི་བརྒྱུད་པ་གཅི་ཁུང་སྒོ་པ་ཉེ་གནས་གྲུབ་པ་ཡོན་ཏན་ཡིན་པར་བཤད་ཀྱང་། དོན་གྱི་ཡབ་ནི་བཞི་ཐོག་པ་བདག་ཆེན་ཀུན་དགའ་རིན་ཆེན་ཡིན་པར་སྲད་པ་ཀུན་བློ་སོགས་ཀྱིས་མཛད་པའི་རྣམ་ཐར་ལས་འབྱུང་བ་བཞིན་དོན་ལ་གནས་པས། ས་སྐྱ་པའི་ཆོས་སྐྱོང་རྣམས་ཀྱང་གདུང་བརྒྱུད་རྣམས་དང་ཁྱད་པར་མེད་པར་འགོ་བ་ཡིན་ཏེ། སྐུ་གཞོན་ནུའི་ཚེ་ཐོས་བསམ་མཛད་དུས་བླ་བྲང་ཤར་ན་བཞུགས་པའི་མདོ་སྡེ་ལ་ཆོས་རྗེ་ས་པཎ་གྱིས་མཆན་བཏབ་པ་སོགས་ཕྱག་དཔེ་པོ་ཏི་དྲུག་བརྒྱ་བརྒྱད་ཅུ་ལྷག་པ་ཙམ། དགུ་རིམ་ན་ཆོས་རྗེ་ས་པཎ་གྱི་དཔེ་ཁང་གི་ཕྱག་དཔེ་རྣམས་ལ་རེས་དཔེ་ཁང་དང་། རེས་འགའ་།