[A:༡༧བ] གཟིམ་ཁང་དུ་གདན་དྲངས་ནས་ལོ་གསུམ་གྱི་བར་དུ་པོ་ཏི་སུམ་སྟོང་ཟིན་ཙམ་ལ་གཟིགས་པས། གསུང་རབ་སྤྱི་དང་བྱེ་བྲག་གི་དོན་ལ་ཐུགས་སྐྱེད་ཆེས་ཆེ་བར་བྱུང་ཞིང་། གཞན་ཡང་བྲང་མོ་ཆེ། ཟུར་ཁང་། གུང་བླ་བྲང་སོགས་གདན་ས་ཆེན་པོའི་དཔེ་ཁང་སོ་སོའི་ཕྱག་དཔེ་ཐམས་ཅད་ཀྱང་མ་གཟིགས་པ་མེད་ཅིང་། མདོར་ན་ཐོས་པ་དང་གཟིགས་རྒྱ་ཆེ་ཞིང་མཐར་ཕྱིན་པར་གྱུར་ཏེ། དེ་ལྟ་བུའི་བར་སྐབས་ཤིག་ཏུ་ཆོས་སྐྱོང་གི་གྲུབ་ཐོབ་སྔགས་འཆང་ཀུན་དགའ་ཟླ་བས་བརྟག་གཉིས་ཀྱི་ཊཱིཀྐ་ལོ་སྤེ་རྡོར་བསོད་མའི་སྟོད་སྐུ་དྲུང་དུ་ཕུལ་ནས། པུ་ཏྲ་ན་རེ་འདི་བླ་མ་ཀུན་དགའ་བཟང་པོ་ལ་ཕུལ་ན། སྨད་ཁོང་གིས་རྙེད་ཟེར་གྱིན་གདའ་བས་ཁྱེད་ལ་ཕུལ་བ་ལགས་ཟེར་ནས་ཕུལ། དེ་རྗེས་ལོ་གཅིག་གི་ཁོངས་སུ་དེའི་སྨད་བླ་བྲང་བྲང་མོ་ཆེའི་དཔེ་གསེབ་ནས་རྙེད་ནས་འགྲིག་པར་བྱུང་བས་ཀུན་གྱི་ངོ་མཚར་དུ་གྱུར་པ་དང་། ཡང་ས་སྐྱར་བཞུགས་དུས་གཞན་གྱིས་བྱད་ཀ་བྱས་པའི་ཆོ་འཕྲུལ་།