[A:༡༨ན] ངན་པ་སྣ་ཚོགས་བྱུང་པར། གུར་མགོན་གྱི་སྲུང་འཁོར་ལ་ནན་ཏན་མཛད་པས་བཟློགས་པ་དང་། ངོར་ཨེ་ཝཾ་ཆོས་ལྡན་བཏབ་ནས་རྡོ་རྗེ་འཕྲེང་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བཞེངས་པར་དགོངས་པ་ན། བལ་པོའི་ལྷ་བཟོ་བ་ཝང་ཀུ་ལི་སྤུན་ལ་སོགས་པ་མཁས་པ་དྲུག་ཡོང་པའི་གཏམ་ཡང་མེད་པར་གློ་བུར་དུ་སྐུ་མདུན་དུ་སླེབས་ནས། ཇི་ལྟར་དགོངས་པའི་དཀྱིལ་འཁོར་རྣམས་དང་། གཞན་ཡང་ཐུགས་དམ་གྱི་རིགས་མཐའ་ཡས་པ་འབད་མེད་དུ་གྲུབ་པའི། ལྷ་བཟོ་བ་ཨ་ཁེ་རཱ་ཛ་ཞེས་བྱ་བ་ཞིག་ཡོད་པ་ན་རེ། ངེད་འདི་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་གླེང་བ་མ་ཡིན་པར་ཐམས་ཅད་བོད་དུ་བླ་མ་འཕགས་པའི་བུ་ཅན་འགྲོ་ཞེས་ཕྱོགས་གཅིག་ཏུ་གྲོས་འཆམ་སྟེ་བོད་དུ་ཡོང་བའི་ཚེ། ལ་སྟོད་ཤེལ་དཀར་དང་། ཆུ་འདུས་དང་། ས་སྐྱ་རྣམས་སུ་ཁྱེད་རང་རྣམས་འདི་ཙོ་རུ་ལས་ཀ་བྱས་ན། ཡོན་རྫོང་ལེགས་པོ་སྟེར་ཟེར་ཡང་། དེ་ཚོ་གང་དུ་ཡང་སྡོད་མ་འདོད་།