[A:༢༠ན] གསུངས་པའི་ཚུལ་ཕུལ་བས། དེ་ཀ་ཡིན་པ་འདུག སྔོན་ཀུན་མཁྱེན་རིན་པོ་ཆེས་ཀྱང་ཆོས་རྗེ་སངས་རྒྱས་རིན་ཆེན་པ་ལ་འཕྲོད་པར་གྱིས་གསུངས་པའི་བཀའ་ལུང་ཡང་ཡོད་པས། དགེ་འདུན་རྣམས་འདུ་ཁང་ན་ཡོད་རིང་ལ་འགྲོ་གསུངས་ནས་དབང་ཁང་དུ་ཕེབས། དེ་ནུབ་དཔལ་མགོན་གྱི་རྗེས་གནང་རྗེ་སངས་རྒྱས་རིན་ཆེན་པ་སྐུ་རྐྱང་ལ་གནང་། ཁྱེད་ཀྱིས་ལྷ་མཆོག་སེང་གེ་ལ་སྐབས་སུ་བབ་དུས་འཕྲོད་ངེས་མཛོད་ཅིག་ཅེས་གདམས་སོ། །དེའི་ཕྱི་ཉིན་མན་ཚོགས་དུང་སྐད་སྔར་ཁོ་ན་ལྟར་བྱུང་བས་ཀུན་ཀྱང་ངོ་མཚར་དུ་འཛིན་པ་བྱུང་ངོ་ཞེས་ཐོས་ལ། ཡང་ངོར་ཆེན་རྡོ་རྗེ་འཆང་གི་བླ་མ་གྲུབ་ཆེན་བུདྡྷ་ཤྲཱི་ལ་ཡང་ཆོས་སྐྱོང་རྣམས་ཤིན་ཏུ་མཆེས་པ་ཡིན་ཏེ། དུས་ཤིག་ཞེ་དགོན་པའི་གཡག་བདུན་རྐུན་མས་ཁྱེར་འདུག་པ། དེ་ནུབ་གཏོར་མ་བསྔོ་བའི་སྐབས་སུ། མོན་བུ་པུ་ཏྲ་གཡག་དེ་རྣམས་མ་ཤི་བ་གྱིས། རྐུན་མ་རྣམས་སྲོག་ལ་གནོད་པ་མ་སྐྱེལ། ཚམ་རྔམ་གྱིས་ལ་འཇིགས་།