[A:༢༡ན] མ་ཕྱག་ཏུ་བཟུང་ནས་འཕར་ཏེ་ཁོང་གི་ལུས་སྟེང་དུ་འཕགས་པ་བྱུང་། དེ་ཀས་ནད་གཞི་དེ་ལས་གྲོལ་ལོ། །དེ་ལ་སོགས་པ་ཇི་ལྟར་བཀའ་བསྒོ་བ་བཞིན་སྒྲུབ་པའི་ལོ་རྒྱུས་མང་དུ་སྣང་ངོ་། །སྟག་གི་ལོ་ལ་ད་ལོ་ས་སྐྱར་འགྲོ། ད་ལན་ལས་མི་སླེབ་གསུངས་ནས་བྱོན། ས་སྐྱ་ས་བཟང་གཉིས་སུ་ཟླ་བ་དགུ་བཞུགས། དེའི་ཚེ་སྒོ་རུམ་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་ལ་ཤེལ་རྒྱན་དང་། ན་བཟའ་དང་། གཏོར་མ་ཅོད་པཎ་མང་པོ་ཕུལ་ནས་གསོལ་བ་བཏབ་པས། ས་སྐྱ་པ་ཅུང་དྲག་ཏུ་འགྲོ་བའི་རྟེན་འབྲེལ་ཞིག་འདུག་གསུངས་པའི་ལུང་བསྟན་ཡང་སྩལ། འདི་ནི་དུས་ཕྱིས་ས་ལོ་འཇམ་པའི་རྡོ་རྗེའི་ཐུགས་སྲས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་ཡབ་སྲས་ནས་བཟུང་། དཔལ་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་ལུགས་གཉིས་ཀྱི་འཕྲིན་ལས་ཀྱི་རྒྱུན་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་གྱུར་པ་འདི་མ་འོངས་མཁྱེན་པའི་