[A:༢༣ན]ཤེས་ཏེ། མཧཱ་ཀཱ་ལ་ལྷ་རྣམས་ལ་ཡང་ཁྲོས་ནས། ལྷའི་མཚོན་ཆ་འཁོར་ལོའི་ནང་དུ་ཕྱིར་བཟློག་པའི་སྦྱོར་བ་བྱས་ནས་བཅུག་པས། ལྷ་དང་ལྷ་མ་ཡིན་འཐབ་པའི་ཚེ། ལྷས་འཁོར་ལོ་འཕངས་པས་འཁོར་ལོ་ཕྱིར་ལོག་ནས་སླར་ལྷ་རྣམས་ཕམ་པར་བྱས། དེར་ཡབ་དབང་ཕྱུག་ཆེན་པོ་ཁྲོས་ཏེ། མགོན་པོ་ནག་པོ་རི་རབ་ཀྱི་སྟེང་ནས་བསྐྲད་པས། ནག་པོ་རབ་ཏུ་འཁྲུགས་ཤིང་ཁྲོས་པའི་ཧ་ཧ་དང་ཧཱུྃ་ཧཱུྃ་གི་ཚམ་རྔམས་ཀྱི་གད་མོ་བསྒྲགས་པས། རི་རབ་ཀྱང་འགུལ་འདེགས་འགྱེལ་ལ་ཁད་པ་ཙམ་དུ་གྱུར། ཞབས་དྲག་ཏུ་བརྡབས་པས་ས་གཞི་ཐམས་ཅད་གཡོས་ཤིང་དུམ་བུར་འཁྲུགས་ནས་མར་བབས་ཏེ། རི་རབ་ཀྱི་ཁ་ཁྱེར་ལ་གནས་པའི་གནོད་སྦྱིན་འོད་ཟེར་ཅན་ཞེས་བྱ་བ། དབང་ཕྱུག་ཆེན་པོས་འཇིག་རྟེན་ན་དབང་ཆེ་བའི་དངོས་གྲུབ་བྱིན་པ་གཅིག་ཡོད་པ་དེ་བསད། ཤ་ཟོས་ཁྲག་འཐུངས་ནས། ཕས་བྱིན་པའི་དངོས་གྲུབ་