[A:༣༦བ] སྙིང་པོ་ལན་བདུན་རེ་དང་། མདོ་རྒྱུད་ཀྱི་ཚིག་གང་ཡང་རུང་བའི་ཤླཽ་ཀ་རེ་ཐུགས་ལ་འཛིན། མདོ་རྒྱུད་མན་ངག་གི་དགོངས་འགྲེལ་གསལ་བྱེད་ཀྱི་རྩོམ་པ་མཚོན་རེ། སྲོད་ཀྱི་དུས་སུ་གཏོར་བསྔོ་རྒྱས་པ་ཌཱ་དྲིལ་དང་བཅས་པ། ལམ་དུས་བསྡུས་པ། སྒྲུབ་པ་ལུང་སྦྱིན། ཉལ་བའི་རྣལ་འབྱོར་དང་ལྡན་པས་གཟིམ་པའི་ཚུལ་སྟོན། མནལ་སད་པ་དང་ལྡང་བའི་རྣལ་འབྱོར་དང་ལྡན་པས་སྔར་བཞིན་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་མཛད་དོ། །དེ་ལྟ་བུའི་སྒྲུབ་པ་ལ་བརྩོན་པས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་པར་མངོན་ཏེ། བྷུ་ཊར་མུན་ཁང་བརྟེན་པའི་དུས་སུ་མི་མ་ཡིན་གྱི་བར་ཆད་ཀྱི་རྣམ་པས་གཟིམ་ཁང་ལ་ཐོག་བརྒྱབ་པས་སྐུ་པང་དུ་འཁྱིལ་བའི་ཚེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གཅིག་ཡིན་དགོངས་ནས་ཅུང་ཟད་དེ་ཀར་བཞག་ནས་སླར་ན་བཟའ་དཀྲུགས་པས་མདུན་དེར་ཐིམ་སོང་བ་ཕྱག་གཡོག་ཀུན་གྱིས་མཐོང་བ་སོགས་གྲུབ་པའི་རྟགས་མཚན་མང་དུ་སྟོན་པར་མཛད་པའི་ལོ་རྒྱུས་དུ་