[A:༣༦ན] འབྲིང་པོ་དང་འབྲེལ་པའི་ལམ་དུས་འབྲིང་པོ་མཛད། དེ་རྗེས་བདག་མེད་མ། གུར་རིགས་བསྡུས་མན་ངག་ལུགས། སམྦུ་ཊི་མཚོན་ཆ་ཅན་མན་ངག་ལུགས་རྣམས་ལ་བརྟེན་པའི་ལམ་དུས་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བ་རེ་མཛད། འདི་ལ་ཆག་མེད་ཀྱི་རྒྱུན་ཡོད་དམ་ཞུས་པས། ཆག་མེད་རྒྱུན་རང་ཡོད་པ་མི་འདུག་སྟེ། རྒྱུད་གསུམ་པོ་འདི་ལ་བླ་མ་ལ་ཞུ་བ་དང་། སློབ་གཉེར་བྱེད་པ་ལ་དཀའ་བ་ཆེན་པོ་ཞིག་བྱུང་། ད་ཤེས་པའི་ལུགས་ཡིན་པས་ཉམས་ལེན་དུམ་རེ་མ་བྱས་ན་བསླབས་པ་ལ་དོན་མི་ཡོང་བར་འདུག་པས་བྱས་པ་ཡིན་གསུངས། གུང་ཚིགས་ཐོན་ནས་སློབ་མ་ཐུན་མོང་མ་ཡིན་པ་འགའ་རེ་ལ་བློ་དང་འཚམས་པའི་གསུང་ཆོས་ཚན་པ་རེ་གནང་། གང་གནང་བ་དེ་ཚིག་དོན་ཕྱིན་ཅི་མ་ལོག་པ་སློབ་མའི་རྒྱུད་ལ་འཕོ་ངེས་པ་རེ་མཛད། དེ་ནས་དྲིལ་བུ་ལུས་དཀྱིལ། རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་ཆག་མེད་དང་། གཞན་ཡང་དབང་བཀའ་གང་གསན་གྱི་