R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༧བ
[A:༣༧བ] ཆུ་ཕོ་སྤྲེའུའི་ལོ་ལ་སྐུ་བལྟམས། ཁུ་སྟོན་སེང་གེ་བཟང་པོའི་དགེ་བསྙེན་གྱི་སྡོམ་པ་ཕོག་ཅིང་། ཀྱཻ་རྡོར་གྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་དགུང་ལོ་ཉེར་དགུའི་བར་དུ་ཕར་ཕྱིན། སྤྱོད་འཇུག་བརྟག་གཉིས་སོགས་ལ་སྦྱངས། མཁན་པོ་བཟང་ཆེན་པ་དང་། སློབ་དཔོན་མོན་མཁར་པ་ལས་རབ་ཏུ་བྱུང་། སྤྱན་སྔ་གྲགས་པ་རྒྱལ་མཚན་གྱིས་མཚན་སེང་གེ་རྒྱལ་མཚན་དུ་བཏགས། ལོ་དེ་ལ་ཀླུའི་དགོན་པར་བརྟག་གཉིས་ལ་བཤད་གསར་དང་། དགུང་ལོ་བཅུ་པ་ལ་བསམ་ཡས་སུ་ཕར་ཕྱིན་ལ་གྲྭ་བསྐོར་མཛད། རང་ལོ་བཅོ་བརྒྱད་པ་ལ་དྭགས་པོའི་མཁར་ཀླུ་བཟང་དུ་ཆོས་རྗེ་བླ་མ་དང་མཇལ་ནས་མི་ཕྱེད་པའི་དད་པ་ཐོབ། བསྙེན་རྫོགས་ཀྱི་མཁན་པོ་ཞུས་ཤིང་། དེ་ནས་བཟུང་སྟེ་སྐུ་དང་འབྲལ་མེད་དུ་འགྲོགས་ནས། གསུང་ངག་རིན་པོ་ཆེ་དང་། ཆོས་སྐྱོང་གི་སྐོར་གྱིས་གཙོས་པའི་ས་སྐྱའི་ཡབ་ཆོས་རྣམས་ཀྱིས་ཐོག་དྲངས། མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་ཞིག་གསན་ཅིང་ཐུགས་ཡིད་གཅིག་