[A:༣༨ན] ཏུ་འདྲེས་པའི་དཔོན་སློབ་ཏུ་གྱུར། གཞན་ཡང་བུ་རིན་པོ་ཆེ། རྒྱལ་སྲས་ཐོགས་མེད། ལོ་ཆེན་བྱང་རྩེ། བླ་ཆེན་བསོད་བློ་སོགས་བླ་མ་སུམ་ཅུ་སོ་གྲངས་ཙམ་བསྟེན་ནས་གསན་པ་རྒྱ་མཚོའི་ཕ་མཐར་སོན། ཐུགས་དམ་ལ་ཤིན་ཏུ་བརྩོན་པས་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ཅིང་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། སྐབས་ཤིག་དཔལ་མགོན་ཞལ་བཞི་པ་ཨ་ཙ་ར་ཐོད་འཕྲེང་ཐོགས་པ་ཞིག་ཏུ་སྤྲུལ་ནས། དབུ་སྔས་ཀྱི་མགོར་བྱུང་སྟེ། ཁྱོད་མི་རུས་ཀྱི་ཕྲེང་བ་འདི་བཟུང་ན་རང་ཁེ་ཆེ་བ་ཡིན་ཏེ། མི་འཛིན་པར་འདུག་ཟེར་ནས་གནས་སྐབས་ཀྱི་བར་ཆད་འདྲ་སེལ་བ་ལ་གཉན་མགོན་གྱི་རྗེས་གནང་གསན་དགོས་པའི་བསྐུལ་མ་འདེབས་པ་དང་། ཡང་ཕྱག་གཡོག་ངན་པ་ཞིག་གིས་ཕྱག་རྫས་མང་པོ་ཁྱེར་བ་ནི། འཁོར་གཞན་ཞིག་ལ་མོན་བུ་བབ་སྟེ། ང་མངའ་རིས་གུང་ཐང་ན་ལ་རྩེ་ནས་འོངས་པའི་འབའ་ཏ་ཡིན། སུ་ར་ཡིན། རྐུན་མ་