[A:༤༠ན] བུམ་པ་གང་བྱོར་ནོས། གཞན་ཡང་སྤྱན་སྔ་བྱམས་པ་བྱང་ཆུབ་བམ། ལོ་ཆེན་བྱང་རྩེ། སོག་དབོན་ལེགས་པའི་བློ་གྲོས། ཏ་དབེན་ཀུན་ལེགས་པ་སོགས་བླ་མ་ཉི་ཤུ་རྩ་གྲངས་ཤིག་བསྟེན་ནས་གསན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར།
རང་གི་ཁུ་བོ་ཞལ་བཞུགས་དུས་ཞབས་འབྲིང་བ་འབྲལ་མེད་དུ་མཛད་ཅིང་། མོས་གུས་རྩེ་གཅིག་པ་མངའ་བས་དམ་ཚིག་གི་སེལ་ཅུང་ཟད་ཀྱང་མེད། རང་ཉིད་དགུང་ལོ་ཞེ་གཅིག་པའི་དུས་ཁུ་བོ་གཤེགས་ནས། ཕྱག་རྫས་ཐམས་ཅད་དགོངས་རྫོགས་སུ་བཏང་། རེ་ཞིག་སྤྲོས་པ་མཐའ་དག་རྒྱང་བསྲིངས་ནས་དབྱར་མཚམས་དགུན་མཚམས་བཅད་དེ། ཡི་དམ་ལྷའི་བསྙེན་པ། ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་མང་དུ་མཛད་ཅིང་། ཆོས་སྐྱོང་རྣམས་ཀྱི་གཏོར་སྒྲུབ་ལ་རྩལ་དུ་བཏོན་པས་བྱིན་རླབས་ཀྱི་རྟགས་མཚན་མང་དུ་བརྙེས། དེ་དུས་གདུག་པ་ཅན་འགའ་ཞིག་གིས་ཞབས་འདྲེན་གྱི་སྦྱོར་བ་སྣ་ཚོགས་བྱས་པ་ལ། སྲུང་