[A:༤༧བ] འབྲེལ་དང་བསྙེན་བཀུར་ཞུ་བ་མང་བར་བྱུང་། ཡང་རྔོག་པའི་གདུང་རྒྱུད་བྱང་སེམས་བསོད་ནམས་དོན་གྲུབ་པའི་དྲུང་དུ་རྔོག་ལུགས་ཀྱི་དཀྱིལ་འཁོར་བདུན་ལ་སོགས་པའི་ཆོས་སྐོར་མང་དུ་གསན། ལོ་ཆེན་ཤེས་རབ་རིན་ཆེན་པའི་དྲུང་དུ་གསང་སྔགས་ཅི་རིགས་དང་། སླར་ཡང་འདུལ་མཛོད་དང་། སྒྲའི་བསྟན་བཅོས་ལ་སོགས་པའི་ཆོས་སྐོར་མང་དུ་གསན་ཅིང་། ཁྱད་པར་བཀའ་གདམས་པའི་ཐིག་ལེ་བཅུ་དྲུག་གི་བཀའ་དང་གླེགས་བམ་གྱི་ལུང་ལ་སོགས་པའི་ཆོས་སྐོར་རྣམས་ཡོངས་སུ་རྫོགས་པར་གསན་ཏོ། །དེ་ནས་དགུང་ལོ་བཞི་བཅུ་ཞེ་གསུམ་པ་ཤིང་ཕོ་རྟའི་ལོ་ལ་དཔལ་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པའི་ཞལ་སྔ་ནས་མཁན་པོ། མཁན་ཆེན་རབ་འབྱོར་སེང་གེ་བས་ལས་སློབ། ཁྲོམ་ཡོན་པར་གྲགས་པ་མཁན་ཆེན་ནམ་མཁའ་ལྷུན་བཟང་པས་གསང་སྟེ་སྟོན་པ་མཛད་དེ་བསྙེན་པར་རྫོགས་པ་མཛད་དོ། །གྲུབ་པའི་དབང་ཕྱུག་རས་ཆེན་ཆོས་རྗེའི་དྲུང་དུ་ནཻ་གུ་ཆོས་དྲུག་ཤིན་ཏུ་ཉེ་བར་བརྒྱུད་པ་ལ་