[A:༤༨ན] སོགས་པའི་ཟབ་ཆོས་མང་དུ་གསན་ཅིང་། གཟིགས་སྣང་ཁྱད་པར་ཅན་མང་དུ་བྱུང་བའི་ལོ་རྒྱུས་ཀྱང་ཡོད། ཡང་གྲྭ་སྟོན་ཤེས་རབ་དཔལ་ལྡན་པའི་དྲུང་དུ་ཨུ་རྒྱན་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་དང་། བཀའ་རྫོགས་པ་ཆེན་པོ་ལ་སོགས་པའི་ཆོས་སྐོར་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པར་གསན། ཀུན་སྤངས་བསོད་ནམས་རྒྱལ་མཚན་པའི་དྲུང་དུ་རྒྱུད་སྡེ་གོང་འོག་གི་བཀའ་ལུང་རྒྱ་ཆེ་བར་གསན་ཅིང་། ཁྱད་པར་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དང་། འདུས་པ་མདོའི་དབང་ལ་སོགས་པ་གསང་སྔགས་རྙིང་མའི་ཆོས་སྐོར་གྱི་དབང་ལུང་མན་ངག་ལ་སོགས་པ་མཐའ་དག་ཡོངས་སུ་རྫོགས་པར་གསན་ཏོ། །དེ་དག་ནི་བསྟེན་ཡུན་རིང་ལ་མཁས་པར་སྦྱངས་ཤིང་བཀའ་དྲིན་ཆེ་བའི་ཡོངས་སུ་འཛིན་པ་རྣམས་ཡིན་ལ། བཀའ་དྲིན་མཚུངས་པ་མེད་པ་ནི་བྲག་ཐོག་པ་ཆེན་པོ་ཁོ་ན་ཡིན་ནོ། །ཡང་དབང་རྗེས་གནང་། ལུང་མན་ངག་ཐོར་བུ་བ་ཙམ་གསན་པ་ནི། ས་སྐྱ་འཁོན་གྱི་གདུང་