[A:༢༥བ] འདི་སྐད་ཅེས་གསོལ་ཏོ། །ཀྱེ། ཐམས་ཅད་མཁྱེན་པའི་སྟོན་པ་ལགས། །བདག་གིས་ཁྱེད་ཀྱི་གཟི་མི་བཟོད། །དམ་ལ་བཏགས་འཚལ་ཅི་གསུང་བསྒྲུབ། །ཁྱེད་ཀྱི་བསྟན་པ་བསྲུང་བར་བགྱི། །ཞེས་བརྗོད་ཅིང་སྲོག་སྙིང་ཕུལ་ནས་བསྟན་པ་སྲུང་བར་དམ་བཅས་སོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷའི་རྣམ་པས་དེར་འཁོད་ནས། གཙོ་བོ་ཧེ་རུ་ཀ་ཀྱེ་རྡོ་རྗེ་ཉིད་ཀྱིས། དྲག་པོ་ནག་པོ་ཞལ་དུ་ལན་གསུམ་མིད་ནས་གཤང་ལམ་ནས་ཕྱིར་ཐེངས་གསུམ་ཕྱུང་བ་དང་། མདོག་ནག་པོ་འཇིགས་སུ་རུང་བ་གཅིག་ཏུ་གྱུར་པ་ལ། ཧེ་རུ་ཀས་མགོ་དང་ལག་ཏུ་དམ་ཚིག་གི་རྡོ་རྗེ་གཏད། ལྕེ་ལ་དམ་ཚིག་གི་བདུད་རྩི་སྦྱིན། ལས་སྐལ་དུ་སངས་རྒྱས་བསྟན་པ་སྲུང་བ་དང་། ཟས་སྐལ་དུ་བསྒྲལ་བའི་ཞིང་ཐམས་ཅད་ཀྱི་ཤ་ཁྲག་སྲོག་དབུགས་རྣམས་སྦྱིན། བསྟན་པ་སྲུང་བའི་ནུས་མཐུ་དང་ལྡན་