[A:༢༥ན]དཔལ་རྟ་མགྲིན་དུ་སྤྲུལ་ནས། དབུའི་གཙུག་ནས་རྟ་མགོ་ལྗང་གུ་ཕྱུང་སྟེ། རྟ་སྐད་ལན་གསུམ་བསྒྲགས་པ། ནག་པོ་ན་རེ། ཁྱོད་ལ་ང་འདུལ་བའི་གཉེར་མེད་ཀྱི། ཁྱོད་རང་ནགས་སུ་སོང་ལ་རྩྭ་ཟོ་ཟེར་ནས་མ་ཐུལ་ལོ། །དེར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བཀའ་བགྲོས་ཤིང་མགྲིན་གཅིག་ཏུ་ཐུགས་གཏད་ནས། ནག་པོ་དྲག་པོ་དེ་གཞན་གྱིས་མི་འདུལ་ཞིང་། ཕྱག་ན་རྡོ་རྗེས་འདུལ་བའི་དུས་ལ་བབས་པར་དགོངས་ནས། ཕྱག་ན་རྡོ་རྗེ་ལ་ཞལ་འཛུམ་པ་མཛད་ཅིང་། འོད་ཟེར་གྱིས་བསྐུལ་བས། ཕྱག་ན་རྡོ་རྗེ་ཤིན་ཏུ་རྔམ་པའི་སྐུར་བཞེངས། འཇིགས་སུ་རུང་བའི་རྡོ་རྗེའི་ཧཱུྃ་སྒྲ་དྲག་པོ་བསྒྲགས། ནག་པོ་འཁོར་བཅས། ཕྱག་གཡས་པས་རྡོ་རྗེས་བསྡིགས། གཡོན་པས་སྡིགས་མཛུབ་ཀྱིས་གཟིར་བས། ནག་པོ་འཁོར་བཅས་འཇིགས་ཤིང་སྐྲག་པས་རྡོ་རྗེ་འཛིན་པའི་སྤྱན་སྔར་འཁོད་དེ།