[A:༥༠བ] ཡོད། དེ་ལ་སོགས་པའི་ལོ་རྒྱུས་ངོ་མཚར་ཅན་མང་དུ་ཡོད་ཀྱང་འདིར་མ་སྤྲོས་ལ། མཐར་རྗེ་ཉིད་དགུང་ལོ་དྲུག་ཅུ་རྩ་ལྔ་པ་མེ་ཕོ་འབྲུག་གི་ལོ་ནག་པ་ཟླ་བའི་ཕྱོགས་ཕྱི་མའི་ཚེས་གཅིག་ཙམ་ནས་སྙུང་བའི་ཚུལ་བསྟན་ནས། སྤྱི་སྒོས་ཀྱིས་སྐུ་རིམ་རྒྱ་ཆེན་པོ་བསྒྲུབས་ཤིང་། ཟླ་བ་དེའི་ཉེར་གསུམ་གྱི་ཉིན་འདུ་ཁང་དུ་འདུས་པའི་ཚོགས་ལ་གཏོར་སྐྱོང་རྒྱ་ཆེན་པོ་བགྱིས་ཞེས་པ་དང་། སྐུ་མདུན་ཉིད་དུ་ཆོས་སྐྱོང་གི་སྐུ་བྱིན་རླབས་ཅན་བཀྲམ་པ་དང་། མཆོད་གཏོར་སྤྱན་གཟིགས་སོགས་ལེགས་པར་བཤམས་ཏེ། ཐུགས་སྲས་ཀུན་དགའ་རྒྱལ་པོ་དང་། སློབ་དཔོན་བསོད་ནམས་རྒྱལ་པོ་གཉིས་ལ་བསྐང་གསོ་མངའ་གསོལ་ལེགས་པར་བགྱིས་ཞེས་བཀའ་སྩལ་ཅིང་། རྗེ་བཙུན་ཉིད་ཀྱིས་ཀྱང་ཐུགས་འདུན་ཆེད་དུ་གཏད་དེ་བསྟན་པ་བསྟན་འཛིན་དང་བཅས་པ་ཆོས་སྐྱོང་ལ་གཉེར་གཏད་གནང་། དེ་དག་གི་རྟེན་མཆོད་གཏོར་དང་བཅས་པ་ནི་སུས་ཀྱང་གཡོ་མ་ནུས་པས་དིང་སང་གི་བར་དུ་