[A:༥༦ན] ཐུགས་བརྩེ་བ་ཆེན་པོས་ཀུན་ནས་བསླངས་ཏེ། ལས་སྦྱོར་གྱི་དམིགས་པ་ཐུན་གཅིག་གཏོང་བར་མཛད་པ་ན་གཟིགས་སྣང་དུ་མདུན་ཐམས་ཅད་གོས་ལྷབ་ལྷུབ་ནག་པོ་གོན་པ་འབའ་ཞིག་གིས་གང་ནས། གཞན་ཅི་ཡང་མི་གཟིགས་པ་ཞིག་བྱུང་གསུངས། དེ་ནས་བསྒྲུབ་བྱ་དེ་ཁྲག་བསྐྱུགས་ཏེ་ཞག་གསུམ་གྱི་ཁོངས་སུ་ཤི རྗེས་སུ་བུ་བརྒྱུད་རྣམས་ཀྱིས་རྗེ་ཉིད་ལ་གུས་པས་བཏུད་ཅིང་མགོན་སྐྱབས་ཞུས་ཏེ་གནས་པ་ཞིག་བྱུང་། ལན་ཅིག་གསོལ་ཇ་ཅུང་དཀོན་པ་ཞིག་གི་ཚེ། ཉེ་གནས་ཀོང་པོ་ངོར་ལ་འགྲོ་ཁར་ཞལ་ཀུར་གྱི་ཚུལ་དུ། དུར་ཁྲོད་བདག་པོ་ལ། ཁོའི་ཟླ་ལ་རྒྱུགས་ལ་ཇ་ཁུག་ཤོག་གསུངས་པས། ཁོང་ཚོའི་ངོར་མདའི་ཇ་པ་ཞིག་གི་ནང་དུ་གནས་ཚང་གཡར་བའི་ཚེ། དེ་པའི་གཡོག་ཅིག་ལ་བབས་ནས་ཇ་དགོས་ཚུལ་སྨྲས་པས། རྟོག་པ་སྐྱེས་ནས་གསོལ་ཇ་ཤིན་ཏུ་ཞིམ་པ་བཏོན་ནས་ཚོང་འབུལ་བྱས་པ་བྱུང་། དེ་བཞིན་དུ་ཕྱོགས་ནས་འབུལ་བ་