[A:༥༦བ] གནང་ཆེ་བ་སོགས་འོང་བའི་ནུབ་མོ་འདི་དང་འདི་ཡོང་བ་ཡོད་ཟེར་ངོ་སོའི་རྣམ་པ་མང་པོ་བྱེད་པ་དང་། མདོར་ན་དཔལ་མགོན་གདོང་བཞི་པ། པུ་ཏྲ་མི་སྲིང་། དུར་ཁྲོད་བདག་པོ་རྣམས་རྣམ་འཕྲུལ་དུ་མས་རྒྱུན་པར་གཟིགས་སྣང་དུ་འོང་བ་ཡིན་འདུག དེས་ན་འདི་རྣམས་ཀྱི་རྗེས་གནང་ཡང་གཞན་དག་ལྟར་རང་གི་དགའ་སྡུག་དང་ངོ་འཛིན་སོགས་ཀྱི་ཆེད་དུ་ཡེ་མི་གནང་། འཕྲལ་རྨི་ལམ་གྱི་བརྟག་པ་བྱེད་དགོས་གསུང་། དོན་ལ་ཆོས་སྐྱོང་རང་གིས་ལུང་སྟོན་པར་སྣང་བས། རེས་འགའ་ཞུ་མཁན་ཡེ་མེད་པ་ནས་མཆོད་བཤོམ་དང་ཐུགས་དམ་མཛད་པ་ན། སྐལ་ལྡན་གྱི་སློབ་མ་ཐག་རིང་ནས་རྐང་བཙུགས་སུ་སླེབས་ནས། དེ་འཕྲལ་གནང་ཆོག་པའང་མང་པོ་བྱུང་འདུག ལ་ལས་ཇི་ཙམ་གསོལ་བ་བཏབ་ཀྱང་མི་གནང་། དེ་ཡང་ལན་ཅིག་ལྟ་གྲུབ་མི་མཐུན་པའི་གྲྭ་པ་ཞིག་གིས་དཔལ་མགོན་གྱི་རྗེས་གནང་ཞུར་ཡོང་པ་ལ། རྨི་ལམ་མི་ཚུད་པ་འདུག་པས་མི་འོང་གསུངས་ཀྱང་། མི་གནང་ན་ལྕེབས་ཟེར་བ་