[A:༢༧ན]ལྷ་ཚོགས་ཀྱི་བསྟན་པ་བསྲུང་བའི་འཕྲིན་ལས་ཀྱི་མགོན་པོའི་གཉའ་གནོན་དུ་མཁའ་འགྲོ་མ་ཀུ་རུ་ཀུལླེ་འབྱུང་བ་ཡིན་པ་ལས། དེ་ལ་འདི་ནི་ཐུགས་ཀྱི་མགོན་པོ་ཡིན་པས། འདིའི་གཉའ་གནོན་དུ་ཕྱག་ན་རྡོ་རྗེའམ། ཀྱེ་རྡོ་རྗེ་ལ་སོགས་ཐུགས་ཀྱི་ཁྲོ་བོ་འབྱུང་བ་ཡིན་ནོ།། ༈ །།གཉིས་པ་དཔལ་ལྡན་ལྷ་མོའི་ལོ་རྒྱུས་ནི། སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་འདི་ཉིད་ལྷ་མོ་འོད་ཟེར་ཅན་ནམ། ལྷ་མོ་མེ་ལོང་གདོང་དུ་གྱུར་ནས། དགེ་བ་བཅུ་ཤ་ཐག་སྤྱད། སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་ཤ་ཟ་མོ་རལ་གཅིག་ཅེས་བྱ་བར་གྱུར། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ལྷ་མོ་ནམ་མཁའི་དཔལ་མོ་བཙན་ཞེས་བྱ་བར་གྱུར། ཞེ་སྡང་རང་དགར་སྤྱད། སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་ལ་ལྷ་མོ་པརྞ་ཤ་ཝ་རིའམ། ལྷ་མོ་ནུང་ཞེས་བྱ་བར་གྱུར། དེའི་ཚེ་སངས་རྒྱས་