[A:༢༧བ]ཤཱཀྱ་ཐུབ་པ་ནི་དགེ་སློང་དབང་ཕྱུག་དཔའ་བོ་ཞེས་བྱ་བར་གྱུར། དགེ་སློང་དེ་ལྷ་མོ་དེས་མཆོད་གནས་སུ་བསྟེན་ཅིང་སྡིག་པ་བཤགས་ནས། ཞིང་འདིར་སྟོན་པ་དང་བསྟན་སྲུང་དུ་གྱུར་པའི་སྨོན་ལམ་ལྷན་ཅིག་ལ་བཏབ་བོ། །དེ་ལྟར་སངས་རྒྱས་དེ་དག་གི་རིང་ལ་ལས་བསགས་ཤིང་སྨོན་ལམ་བཏབ་པའི་རྣམ་པར་སྨིན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་དུས་གཅིག་ལ་སྨིན་པ་ཡིན་ནོ། །དེ་ཡང་དང་པོར་དགེ་བ་བཅུ་སྤྱད་པས་མཧཱ་དེ་ཝའི་བུ་མོར་སྐྱེས། བར་དུ་ཞེ་སྡང་སྤྱད་པའི་མཐུས་སྲིན་པོའི་ཆུང་མར་གྱུར། ཐ་མར་སྡིག་པ་བཤགས་ཤིང་སྨོན་ལམ་བཏབ་པའི་མཐུས། ད་ལྟ་འདོད་ཁམས་ཀྱི་དབང་ཕྱུག་མར་གྱུར་ནས། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་སྲུང་བ་ཡིན་ནོ། །བསྟན་པ་བསྲུང་བའི་བྱ་བ་རྫོགས་པའི་རྗེས་སུ་བྱང་ཤར་མཚམས་ཀྱི་འཇིག་རྟེན་གྱི་ཁམས་མེ་ཏོག་རྣམ་པར་རོལ་བའམ། པདྨོ་རྣམ་པར་རོལ་པའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་པདྨོ་དམ་པའི་