[A:༦༤ན] ཁོ་བོ་སྐལ་བ་བཟང་། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟ་བུའི་སྐྱེས་ཆེན་དེ་ཉིད་ལ་ས་སྐྱ་པའི་བཀའ་སྲུང་རྣམས་ཤིན་ཏུ་འགོ་ཞིང་ལས་བསྒྲུབས་པའི་ཚུལ་སོགས་ཅུང་ཟད་བརྗོད་ན། སྔོན་ཁའུ་སྐྱེད་ལྷས་སུ་རྗེ་རྡོ་རིང་པའི་དྲུང་དུ་མགོན་པོའི་ཆོས་སྐོར་རྣམས་གསན་ནས་ལན་ཅིག་ཕྱོགས་གཞན་དུ་བྱོན་ནས། སླར་ཞབས་དྲུང་དུ་ཕེབས་སྐབས་བར་ལམ་ཀུན་ཏུ་ཨ་ཙ་རའི་རྣམ་པ་ཅན་གཉིས་ཀྱིས་གཡས་གཡོན་ནས་གར་མཛད་ཅིང་། སྐུ་གཞོགས་སྐྱོར་བའི་གཟིགས་སྣང་ཁ་འུར་ནམ་ཕེབས་ཀྱི་བར་དུ་བྱུང་འདུག་པ་ནི། ཆོས་སྐྱོང་མཧཱ་ཀ་ལ་གཉིས་ཀྱིས་འབྲལ་མེད་དུ་སྐྱོང་ཞིང་འཕྲིན་ལས་བསྒྲུབ་པའི་མཚན་མར་འདུག་པ་དང་། རྒྱུན་པའི་ཐུགས་དམ་ཆག་མེད་ལ་ཡང་། ཀི་ལ་ཡ། ཨཥྚ། ཨོཾ་གསུམ་མ། ཡ་མ་རཱ་ཛ། ཤ་ས་ན་རྣམས་སྟོང་ཕྲག་རེ་མཛད་པ་ལས། གཙོ་བོར་ཆོས་སྐྱོང་གི་རྩ་སྔགས་ཉིད་ལ་ཐུགས་དམ་གྱི་མཐིལ་མཛད་པར་