[A:༦༨ན] ལྟ་བུར་འདུག སྐུ་མདོག་ཕྱག་མཚན་ཡང་གཞན་ཁྱད་པར་ཅི་ཡང་མེད་པ་ལ། གཡོན་གྱི་ཕྱག་དང་པོའི་ཕྱག་མཚན་ཤཀྟིའི་ངོས་འཛིན་ལ། ས་སྐྱ་པ་མདུང་རྣོན་འཛིན་པ་འདོད། རྔོག་ལུགས་པ་རྣམས་མདུང་རྟིང་གི་ནང་དུ་རྨ་བྱའི་སྒྲོ་ཆུན་བཅུག་པ་ལྟ་བུའི་འཕང་མདུང་། སོར་མདུང་། ཐག་མདུང་ཞེས་བྱ་བ་ལ་ངོས་འཛིན་ནའང་དོན་ལ་ཁྱད་པར་ཆེར་མི་སྣང་། དེ་བཞིན་དུ་ལྷ་མོ་གསང་སྒྲུབ་འདིའང་དུར་ཁྲོད་དགའ་བའི་ཚལ་དུ་རྣལ་འབྱོར་དབང་ཕྱུག་བིརྺ་པ་ལ་ལྷ་མོ་ཉིད་ཀྱིས་དངོས་སུ་གནང་། དེ་ནས་ཤར་ཕྱོགས་ནག་པོ་པ་ལ་བརྒྱུད་པར་འདུག་པས་བརྒྱུད་པའང་འབྲེལ་ཆགས་ཤིང་། འདི་པའི་ལུགས་ལ་ཕྱི་སྒྲུབ་དང་། གསང་སྒྲུབ་གཉིས་ཆར་ལ་རྗེས་གནང་ཟུར་པ་རེ་མཛད། སྒྲུབ་ཚུལ་ཡང་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། ཡང་གསང་དྲག་མོ་རྐང་ཐང་དུ་བསྒྲུབ་པ། དཀར་མོ་མེ་ལོང་མ། ནག་མོ་སྟག་ཞོན། འཁོར་