[A:༦༨བ] ཡང་འགུགས་འདྲེན་གསོད་བྱེད་ཀྱི་མ་མོ་གསུམ། རིགས་བཞིའི་ལྷ་མོ་བཞི། ཕྲ་མེན་གདོང་ཅན་བརྒྱད། ཀྃ་ཀ་མ་བཞི་ལ་སོགས་པ་བསྒྲུབ་བྱ་ལྷ་དང་། སྒྲུབ་བྱེད་མན་ངག་གི་སྒོ་ནས་ཆེས་ཟབ་པའི་ཁྱད་པར་ཇི་སྙེད་ཅིག་འདུག་པས། འདིའི་ཆོས་སྐོར་ཞུ་བར་འདོད་པའི་ཚེ། ས་སྐྱ་པའི་ཁྲོད་ན་འདིའི་རྗེས་གནང་དང་། ཡིག་ལུང་སྣ་རེ་ཙམ་ཡོད་པ་འདུག་ནའང་། གསང་སྒྲུབ་ཀྱི་རྗེས་གནང་ཕྱི་སྒྲུབ་ལ་སྦྱར་བ་དང་། ཆོས་སྐྱོང་གཞན་གྱི་རྗེས་གནང་གི་རྒྱས་འགེབས་པ་སོགས་སྣ་ཚོགས་གཅིག་འདུག དྭགས་པོ་བཀའ་བརྒྱུད་པའི་བླ་མ་འདྲ་ལ་བརྟགས་དུས་ཀྱང་དེ་ལྟ་བུ་དང་། ཁྱད་པར་ཆོས་སྐོར་ཡོངས་སུ་རྫོགས་པ་བཞུགས་པ་མི་འདུག་པས། བློ་ཁ་མ་ཁེངས་པར་དཀའ་བ་ཁྱད་དུ་བསད་ནས་རྔོག་ཚང་འོག་མར་གྲགས་པ་གཞུང་ཐར་གླིང་གི་དགོན་པར་ཕྱིན། བླ་མ་དང་ལྷ་ལ་ཡིད་ཆེས་དད་པ་སྙིང་ནས་ཐོབ། གསང་སྒྲུབ་ཀྱི་རྗེས་གནང་མ་གཏོགས་འདིའི་