[A:༦༩བ] བསྐྱངས། གུ་ཡངས་ཤིང་ས་ཕྱོགས་གཙང་བ་ཞིག་ཡོང་བ་ཡོད་གསུངས་བྱུང་བས། ཁོ་བོས་དེ་གོང་དུ་ལྷ་མོ་རྐྱང་སྒྲུབ་དང་། སྦགས་སྒྲུབ་ཀྱི་སྒོ་ནས་ལྷ་མོ་འདི་ལ་བསྙེན་པ་འབུམ་ཕྲག་ལྔ་བཅུ་ཙམ་སོང་ཞིང་། དེའི་མགོན་ཁང་གི་རྔོག་སྟོན་གོང་མས་བཞེངས་པའི་ལྷ་མོའི་སྐུ་དེ་ཉིད་ཀྱི་ཞལ་དང་། སྐུའི་གནས་རྣམས་སུ་གྲི་ཁྲག་དང་རང་བྱུང་གི་ཁྲག་གིས་ཐིག་ལེ་བཀོད། ཞལ་གྱི་ནང་དང་གཏོར་མའི་གསེབ་ཏུ་དམ་ཉམས་དེའི་མིང་ཡིག་དྲག་པོའི་སྤེལ་ཚིག་དང་བཅས་པ་བཅུག ས་རྔོག་གི་བླ་མ་བརྒྱུད་པའི་མཚན་ནས་བརྗོད་དེ་བཀའ་བསྒོ་དྲག་པོ་ལན་གསུམ་བྱས་པས་རང་ཉིད་ཀྱང་སྐྱི་བུན་པ་དང་། ལྷ་མོའི་སྐུ་འདྲ་དེའང་སྔར་ལས་ཁྲོ་ཞིང་། ཞལ་རས་ནག་ངམ་བྱས་པ་འདྲ་བ་ཞིག་བྱུང་། དེ་ནུབ་ནས་ལྷ་མོ་འདི་ལ་གཏོར་མ་ཟུར་པ་རེ་བཅོས་ཆེད་དུ་འཕྲིན་ལས་དྲག་ཏུ་བཅོལ་བས། ཞག་བདུན་སོང་བའི་ནུབ་དྲང་སྲོང་སྲིན་པོའི་རིར་གནས་ཚང་གཅིག་གི་ཁང་སྟེང་དུ་ཅོག་བུ་ཕུབ་ནས་བསྡད། སྲོད་