[A:༦༩ན] ཆོས་སྐོར་ཡོངས་སུ་རྫོགས་པ་གནས་དེ་ཉིད་དུ་ཐོབ། ས་ཕྱོགས་དེ་ན་རྗེ་འདི་ཉིད་ལ་ཤིན་ཏུ་མི་གུས་ཤིང་། སྐུ་སྲོག་གི་འཚོ་བ་འཕྲོག་པ་ལ་ཉེ་བའི་བླ་མའི་སྐུ་དགྲ་གདུག་པ་ཅན་གཅིག་འདུག་པས། རྗེ་ཉིད་ལ་འདི་ལྟ་བུའི་ཆོས་སྐྱོང་འདུག་པ་ལ། དམ་ཉམས་འདི་སྒྲོལ་བ་སྐབས་སུ་བབ་ཞུས་པས། ཁོང་ཚོའང་འདི་མཆོད་པ་དང་། མགོན་ཁང་གི་ལྷ་མོའི་ལྡེར་སྐུ་འདིའང་ཁོང་ཚོ་ངོས་ལ་རྒྱབ་བསྟན་པ་ཞིག་ཡོད་པའི་རྟེན་འབྲེལ་ཡིན་ནམ། ད་ལྟ་བར་ནི་ཅི་ཡང་གནོད་པ་ཞིག་མ་བྱུང་། ད་དུང་ཡང་ཇི་ལྟར་ཡོང་ངམ་ཚེ་སྔོན་གྱི་ལན་ཆགས་འདེད་པ་ཞིག་ཡིན་པ་འདྲ་གསུངས་ཐུགས་ཡིད་ཆད་དེ་བ་ཞིག་མཛད་ཀྱི་འདུག་པས། ཁོ་བོས་བདག་ལ་འདི་ལྟ་བུའི་བསྟན་སྲུང་ཁྱད་པར་ཅན་འདིའི་ཆོས་སྐོར་ཡོངས་སུ་རྫོགས་པ་འབད་མེད་དུ་གནང་བའི་སྐུ་དྲིན་བསབ་ཕྱིར། བླ་མའི་སྐུ་དགྲ་འདི་ལྷ་མོ་འདིའི་སྒོ་ནས་བདག་གིས་སྒྲོལ་བར་ཞུ་ཞུས་པས། དེ་འདྲ་བྱུང་ན་བཀའ་དྲིན་