[A:༧༡བ] གྲུབ་པའི་རྣམ་ཐར་པོ་ཏི་ཡིན། འདིའི་ནང་ནས་འབྲི་བ་ཡིན་ཟེར། ཁྱོད་རྣམས་གང་ནས་ཡིན་བྱས་པས། ང་ནི་སློབ་དཔོན་ལ་ཝ་པའི་དུས་ཀྱི་ལ་བའི་དུམ་བུ་ཟ་མཁན་གྱི་མཁའ་འགྲོ་པདྨའི་དྲ་བ་ཅན་ཡིན། གཞན་གཞོན་ནུ་གཅིག་ལ་མཛུབ་མོ་གཏད་ནས་འདི་སེངྒེའི་དྲ་བ་ཅན་ཡིན། གཞན་འདི་རྣམས་ཕྱོགས་བཅུ་ནས་འདུས་པར་འདུག་ཟེར། དེར་རྗེས་གཉིད་སད། བསམས་པས་རྗེ་བླ་མ་ཕག་མོ་གྲུབ་པའི་རྣམ་འཕྲུལ་ཡིན་པ་ནི་ངེས་ཅན་དུ་འདུག་སྙམ་པ་བྱུང་། དེ་ནས་ཞག་འགའ་སོང་བ་ན་ནུབ་གསུམ་བསྟུད་ནས་རྨི་ལམ་དུ་འདྲེ་གནན་གྱི་རྣམ་པ་ཡང་ཡང་དུ་འོང་བ་ཞིག་བྱུང་བས། འདི་འདྲའི་རིགས་ནི་གུ་བ་རྣམས་ལ་རླུང་དབུ་མར་འཇུག་ཁ་མའི་རྟགས་སུ་བྱེད། མགོན་པོའི་རྒྱུད་དུར་ཁྲོད་ནག་པོ་ནས་གྲིབ་གནོན་ལྟ་བུར་འོང་པ་དང་ཞེས་ཆོས་སྐྱོང་གི་རྟགས་སུའང་བཤད། གང་ལྟར་དགེ་སྦྱོར་དུ་བསྲངས་པས་འདྲ་སྙམ་པ་བྱས་པས། ནུབ་བཞི་པའི་