[A:༧༢ན] རྨི་ལམ་དུ་སྔར་གྱི་བུད་མེད་དེ་བྱུང་ནས། ལག་ཏུ་སྣག་ཚ་ཐོད་པ་གང་དང་། ལྕགས་སྨྱུག་གཅིག་གཏད་བྱུང་ནས། ངེད་རྣམས་ཀྱིས་གང་ལབ་ཀྱང་མི་གོ་བར་འདུག མི་གཞན་གྱི་བླ་མའི་གྲྭ་པས་བླ་མའི་རྣམ་ཐར་འཆོས་ཀྱིན་འདུག་ཟེར་བའི་འཕྲོ་ལ་གཉིད་སད་བྱུང་བས། ཁ་སང་ནས་ཀྱི་ལྟས་ཐམས་ཅད་འདིར་འདུས་པས། ད་སང་རང་ནས་རྗེའི་རྣམ་ཐར་ཞིག་རྩོམ་དགོས་སྙམ་པ་བྱས་ནམ་ལངས་དགེ་སྦྱོར་གྲུབ་ནས་གཉིད་ཟིར་ཙམ་བྱུང་བའི་རྨི་ལམ་དུ། ཆོས་ཁྲི་གཅིག་གི་སྟེང་ནས་བནྡྷེ་གཞོན་ནུ་ཞིག་གིས་སྐྱེས་རབས་དཔག་བསམ་འཁྲི་ཤིང་སྒྲོག་ཀྱིན་འདུག་པ། ཉན་མཁན་ཡིན་ཟེར་བུད་མེད་གཞོན་ནུ་མཆོར་མོ་མང་པོ་གླུ་ལེན། རྐང་བྲོ་བྱེད་ཀྱིན་འདུག་པ་རྨིས། སང་དེ་ནས་འགོ་བཙུགས་ནས་བརྩམས་པས་མ་གྲུབ་ཀྱི་བར་ལ་རྗེ་བླ་མ་ལན་གསུམ་རྨིས། གཞན་ཡང་དགེ་བའི་ལྟས་མང་པོ་བྱུང་། ཚར་ཁར་འདོད་ཁམས་ལྷ་མོ་ཡིན་