[A:༧༤བ] རྐང་པ་ཅན་གྱི་སྟེང་ན་འབོལ་ཡུག་གི་རྣམ་པ་བཏིངས་པའི་གཡས་ངོས་ན་རྗེ་བཙུན་རྡོ་རིང་པ་ཆེན་པོ་དང་། གཡོན་ངོས་ན་ཆོས་རྗེ་རྡོ་རྗེ་གདན་པ་ཆེན་པོ་བཞུགས་འདུག་པ་ལ། རྗེ་ཉིད་ཀྱིས་ཕྱག་ཕུལ་བྱིན་རླབས་ཞུ་བ་མཛད་པས། ཆོས་རྗེ་རྡོ་རྗེ་གདན་པས་ཕྱག་ལེན་མཛད་པ་སོགས་ཆེ་བཀུར་བསམ་གྱིས་མི་ཁྱབ་པ་གནང་གིན་འདུག་པས། རྗེའི་ཐུགས་ལ་རྗེ་བཙུན་རྡོ་རིང་པ་ཆེན་པོས་ཀྱང་འདི་འདྲ་བ་ཞིག་གནང་ཐང་བ་ལ་སྙམ་པའི་དགོངས་པ་ཤར། དེ་ནས་རྗེ་རྡོ་རིང་པ་ཆེན་པོའི་གསུང་ལས། ཆོས་རྗེ་ཁ་སང་ནས་གར་བྱོན་གསུངས་པ་ལ། རྗེ་ཉིད་ཀྱིས་བདག་གིས་ཁ་སང་ནས་ཇོ་ནང་པའི་གྲྭ་པ་འཇམ་དབྱངས་སྒེག་པ་ཟེར་བའི་གཟུགས་ཆུང་ངེ་བ། ཇོ་ཞྭ་གྱོན་པ་གཅིག་ལ་ཆོས་ཤོད་ཀྱིན་བསྡད་ལགས་ཞུས་པས། ཆོས་རྗེ་རྡོ་རྗེ་གདན་པའི་ཞལ་ནས། ཁྱེད་རྫུན་མ་གསུངས། འཇམ་དབྱངས་སྒེག་པ་དང་། གནས་གསར་ཆོས་རྗེ་གཉིས་