[A:༧༤ན] འཇལ་དུ་ཡོང་པ་ཡིན་འདུག་པས། ཁོང་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་ངེས་པར་འགོད་པའི་ཡིད་ཆེས་ཀྱི་རྟགས་སུ་འདུག་སྙམ་དུ་དགོངས་ནས། རྗེ་ཉིད་ཀྱང་ཐུགས་ཤིན་ཏུ་བདེ་བར་བྱུང་ཞེས་གསུངས་པ་ཞལ་སློབ་རྣམས་ཀྱི་གསུང་རྒྱུན་ལས་བརྒྱུད་དེ་ཐོས་སོ། །ཡང་རྗེ་འདི་ཉིད་ཡར་ལུང་པ་སེངྒེ་རྒྱལ་མཚན་གྱི་རྣམ་འཕྲུལ་ཡིན་པའི་ཚུལ་ནི། སྐབས་ཤིག་མདར་བྲང་མོ་ཆེར་བཞུགས་དུས། རྗེ་མཁྱེན་བརྩེ་བ་སོགས་ཕྱོགས་ཀྱི་བུ་ཆེན་རྣམས་འདུས་ནས། གཉན་མགོན་ཞལ་བཞི་པའི་གཏོར་ཆེན་གྱི་ཕྱག་ལེན་ཞུ་བར་མཛད་པ་ན། རྗེས་ཀྱང་ཐུགས་ཀྱིས་བཟུང་ནས། གཏོར་ཆེན་རྒྱས་པའི་ཕྱག་ལེན་མཛད་པའི་ཚེ། དེའི་ནུབ་མོ་ཉིད་ཀྱི་མནལ་དང་འོད་གསལ་འདྲེས་པའི་འཆར་སྒོ་ལ་ཐོག་མར་རྗེ་ཉིད་རྩེ་གདོང་ཡིན་སྙམ་པའི་ལུང་པ་ཞིག་ན་ཡར་བྱོན་པའི་མཐར། ཁང་པ་གཅིག་འདུག་པ་དེའི་ནང་དུ་བྱོན་པས། ཁང་པ་དེའི་ནང་གདན་ཁྲི་