[A:༢༩ན]སྲིང་མོ་ན་ལ་རྩེ། ལྷ་མཧཱ་དེ་ཝ་ལ་ཕུལ་ལོ། །མཧཱ་དེ་ཝ་དང་སྲིན་མོ་ན་ལ་རྩེ་ལྷན་ཅིག་ཚོགས་པས་ན་ལ་རྩེ་སྦྲུམ་ནས། ཕས་བུ་རུ་སྐྱེ་བར་སྨོན་ལམ་བཏབ། མས་བུ་མོར་སྨོན་ལམ་བཏབ་པས་མའི་སྨོན་ལམ་མཐུ་བཙན་པར་གྱུར་ནས། བུ་མོ་ཡ་མཚན་ཅན་ཞིག་བྱུང་བས། ཕ་ཁྲོས་ནས་ཐལ་ཁུང་དུ་བོར་བ། མས་བླངས་ཏེ་ལུས་ཀྱི་དྲོད་ལ་བཅར་ནས་ཨ་ཡུ་བྷྲུྃ་ཞེས་ཚེའི་སྙིང་པོ་བགྲངས་ནས་གསོས། བུ་མོ་དེ་ཉིད་ལ་ཕས་མིང་སྦས་པའི་བུ་མོ་ཐལ་མདོག་མར་བཏགས། གནོད་སྦྱིན་ལག་ན་རྡོ་རྗེས་ནག་མོ་རེ་མ་ཏིར་བཏགས་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་སྨོན་ལམ་བཏབ། བར་སྣང་གི་ལྷ་ཆེན་བརྒྱད་ཀྱིས་ཀྱང་དེ་ལྟར་སྨོན་ལམ་བཏབ་པས། སྐྱེ་བ་ཐམས་ཅད་དུ་ནག་མོ་རེ་མ་ཏི་ཞེས་བྱ་བར་གྲགས། ལྷ་མོ་དུང་སྐྱོང་མས་སྲིན་མོ་དམར་ལྡབ་ཕུར་པའི་ལྷ་གསེར་ཅན་