[A:༢༨བ]དང་། དྲག་མོའི་ཚུལ་འཛིན་པ་ལྷ་མོ་འདི་ཉིད་རིམས་ནད་བསྲུང་བ་དང་བཅད་པ་ལ་མཆོག་ཏུ་བསྔགས་པར་བཤད་པ་ཡིན་ནོ། །དེ་ནས་ཀླུ་གཞོན་ནུ་དུང་གི་འཛེར་པ་ཅན་ཞེས་བྱ་བ་བྱ་ཁྱུང་གིས་གཙེས་ཏེ། ལྷ་མོ་ལ་སྐྱབས་ཞུས་པས། ལྷ་མོས་བྱ་ཁྱུང་བཏུལ་ནས་ཀླུ་དེ་ཉིད་བསྐྱངས་པས། ལྷ་མོ་དཀར་མོ་དུང་སྐྱོང་མ་ཞེས་བྱ་བར་གྲགས། ལྷ་མོ་དུང་སྐྱོང་མ་དེས་རི་རབ་རྩེ་རྣམ་པར་རྒྱལ་བའི་ཁང་བཟང་གི་རྩ་བའི་བྱང་ཤར་གྱི་མཚམས་བྱང་ཆུབ་ཀྱི་ཤིང་དྲུང་ན། རིན་པོ་ཆེའི་ཁང་བུ་བདུན་བརྩེགས་ཀྱི་གཞལ་ཡས་ཁང་པར་རྒྱན་དུ་མས་བརྒྱན་ཏེ། ལྷའི་བུ་དང་བུ་མོ་མང་པོས་ལྷའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་བཞུགས་སོ། །དེའི་ཚེ་ཡུལ་ལང་ཀ་པུ་རི་ན་སྲིན་པོའི་གྲོང་ཁྱེར་བདུན་འབུམ་ཡོད་པ་ལ་ལྷ་རྣམས་ཀྱིས་བཅོམ་ཞིང་ཕབ་སྟེ། སྲིན་པོ་ད་ཤ་གྲི་བ་དང་། དེའི་སྲིང་མོ་ན་ལ་རྩེ་གཉིས་ལུས་སོ། །སྲིན་པོ་ད་ཤ་གྲི་བས་ལྷ་མི་གཉིས་འདུལ་བའི་ཆེད་དུ་རང་གི་