[A:༣ན]བཞིན་དད། །གང་གི་རིགས་དང་ཆོས་ལས་འཁྲུངས་པའི་སྲས། །ནུས་མཐུའི་མངའ་བདག་བསོད་ནམས་དབང་པོ་དང་། །ཡབ་རྗེས་སྦས་པའི་སངས་རྒྱས་བཀའ་དྲིན་ཅན། །སྔགས་འཆང་གྲགས་པའི་མཚན་གྱིས་བདག་ལ་སྲུངས། །ཕྱི་ནང་གསང་བའི་དྲེགས་པ་རྒྱུད་གསུམ་པོ། །དབྱེར་མེད་རང་སེམས་བརྗོད་བྲལ་གཉུག་མའི་ངང་། །ཟུང་འཇུག་གདོད་མའི་མགོན་པོ་མུས་པ་རྗེ། །བརྟན་གཡོའི་བདག་པོ་གང་དེ་སྤྱི་བོས་མཆོད། །གཞན་ཡང་ལུགས་འདིའི་ཆོས་ཀྱི་དྲིན་ནོས་པའི། །ཉམས་རྟོགས་མངའ་བདག་དབང་ཕྱུག་རབ་བརྟན་དང་། །དེང་སང་གངས་ལྗོངས་བསྟན་འཛིན་ཀུན་གྱི་རྒྱན། །ངག་དབང་ཆོས་གྲགས་བདག་གི་གཙུག་ན་མཛེས། །སྔོན་གྱི་སྐྱེས་ཆེན་ཚུལ་ཁྲིམས་འབར་དེ་ཉིད། །སླར་