[A:༣བ]ཡང་སྤྲུལ་པའི་སྐུར་བསྟན་སྤྱན་སྔ་རྗེ། །ལ་སོགས་བླ་མ་རྣམས་ཀྱི་ཞབས་ཟུང་ལ། །ཡན་ལག་མཆོག་གིས་གུས་པས་རབ་བཏུད་ནས། །བསྟན་སྲུང་ཀུན་གྱི་གཙོ་བོ་ནག་པོ་ཆེའི། །ཟབ་ལས་ཆེས་ཟབ་ཆོས་ཚུལ་རྒྱ་མཚོ་རྣམས། །འཕགས་པའི་ཡུལ་དང་བོད་འདིར་བྱུང་བའི་ཚུལ། །ལེགས་པར་བཤད་པའི་བསྟན་བཅོས་འཆད་ལ་སྤྲོ། །སྙན་བརྒྱུད་ཟབ་མོ་ཡི་གེར་བྲི་བ་ལ། །ཆོས་བདག་མཁའ་འགྲོས་གནང་བའི་སྐབས་ཕྱེ་ལ། །བདག་ཅག་དཔོན་སློབ་རྣམས་ཀྱི་འདི་ཕྱིའི་དོན། །འབད་མེད་ལྷུན་གྱིས་གྲུབ་པའི་དགེ་ལེགས་སྩོལ། །ཅེས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། འཕྲིན་ལས་འཆོལ་བའི་ཚིག་སྔོན་དུ་བཏང་ནས་འདིར་རྡོ་རྗེ་འཆང་ཆེན་པོའི་ཡེ་