[A:༡༠༢བ]ཆོས་རྒྱལ་དཔལ་བཟང་ཟེར་བའི་ངན་པ་ཞིག་ཡོད་པ་དེ་ཡིན་འདུག་པ་ནས་ཕྱག་འབུལ་ལ་སྐུ་དྲུང་དུ་མི་གནང་བ་དགོས་ཞེས་ཞུས་པ་ན། སྔགས་འཆང་ཉིད་ཀྱི་གསུང་ལས། ཁོ་རང་ཚན་འདི་པ་དད་ནས་ཕྱག་འབུལ་དུ་ཡོང་པ་མིན། གཤིན་རྗེ་སོགས་ལ་བརྟེན་པའི་མགོ་འཇོག་འཁོར་ལོ་ཟེར་བའི་གཞན་གྱི་ཚེ་དང་བསོད་ནམས་མཐུ་སྟོབས་སོགས་ཉམས་པར་བྱེད་པ་ངན་སྔགས་ཀྱི་འཁོར་ལོ་ཞིག་ཡོང་བས། ཁོའི་མགོ་གཙུག་ན་འཁོར་ལོ་དེ་བཏགས་ཡོད་པ་དེའི་ཁར་ངའི་རབ་རྐང་པ། དེ་མིན་ལག་པ་འཇོག་དགོས་རྒྱུ་ཡིན་པས། ངེད་ལ་དེ་འདྲའི་རིགས་ཀྱིས་གླགས་རྙེད་པ་ཞིག་ཡིན་ན། ད་ཙམ་ངེད་ཀྱི་མིང་གི་ལྷག་མ་ཡང་ས་སྟེང་ན་ལུས་པ་མེད། ཁྱེད་རང་ཞལ་ངོ་ཚོ་གཏོར་མའི་མདུན་དུ་བཞུགས་ལ་གཏོར་མ་ལ་ནས་འབྲུ་སོགས་འཐོར་དུ་མ་འཇུག་ལ། གཞན་ཁྱད་པར་མེད་པས་བཏང་བས་ཆོག་གསུངས་ནས། ཁོང་དཔོན་གཡོག་གསུམ་འདུག་པ་ལ། མཇལ་དར་བཀྲ་ཤིས་ཁ་བཏགས་ཤིག་ཕུལ་སོང་བ་ན། སྔགས་